Wednesday, October 16, 2013

སློབ་དཔོན་ཁག་ཆེ་བའི་སྐོར་ལས།


སློབ་དཔོན་ཟེར་མི་འདི་ང་བཅས་རའི་དྲིན་ཅན་ཕམ་གཉིས་བཟུམ་ཅིག་ཨིན། ང་གིས་འབད་བ་ཅིན་སློབ་དཔོན་ འདི་དྲིན་ཅན་གྱི་ཕམ་གཉིས་ལས་ཡང་ཁག་ཆེ་ཤོས་ཅིག་ཨིན་པས་ལགས། ང་བཅས་རའི་དཔལ་ལྡན་འབྲུག་ པའི་རྒྱལ་ཁབ་འདི་ནང་དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་འབད་སྡོད་ནི་ཐོབ་མི་འདི་ཡང་ག་ར་ དྲིན་ཅན་གྱི་སློབ་ དཔོན་ཚུ་གི་བཀའ་དྲིན་ལས་བརྟེན་ཏེ་ཨིན། འདི་བཟུམ་ང་བཅས་རའི་འཛམ་གླིང་འདི་ནང་ཡོན་ཏན་ནང་མི་ སློབ་དཔོན་རྐྱངམ་ཅིག་གིས་མ་གཏོགས་མི་གཞན་ག་གིས་ཡང་བྱིན་མི་ཚུགས། འདི་མ་ཚད་སློབ་དཔོན་ཚུ་གི་ བཀའ་དྲིན་ལས་བརྟེན་ཏེ་ད་རིས་ནངས་པ་ མི་ལ་ལུ་ཅིག་བློན་པོའི་གོ་གནས་ཐོབ་ ལ་ལུ་ཅིག་དྲུང་ཆེན་ལ་ སོགས་པ་ཚུ་མཛད་དེ་ རང་གི་མི་ཚེ་ནང་དགའ་བ་དང་སྐྱིད་པའི་ངང་ལུ་སྡོད་ཚུགས་པས་ཟེར་ཞུ་ནི་ཨིན།  སློབ་དཔོན་གྱིས་ཁོང་རའི་དུས་ཚོད་འཕྲོ་བརླག་མ་གཏང་པར་ ང་བཅས་ན་གཞོན་ཚུ་ལེགས་ཤོམ་བཟོ་སྟེ་ རོགས་ཡོན་ཏན་ཅན་གྱི་གྲལ་ཁར་བཙུགས་གནངམ་མ་ཚད་ ཉིནམ་ཨ་རྟག་ར་ང་བཅས་སློབ་ཕྲུག་ཚུ་གི་དོན་ལུ་ བསམ་བསམ་ར་རང་བཞུགསཔ་ཨིན།
མཇུག་ར་ ང་བཅས་རའི་དྲིན་ཅན་གྱི་སློབ་དཔོན་ཚུ་ གཞན་ག་བ་ལས་ཡང་ ཁག་ཆེ་བ་དང་གལ་ཆེ་བ་ལས་ བརྟེན་ ང་བཅས་ན་གཞོན་སློབ་ཕྲུག་ཚུ་གིས་རང་གི་སེམས་ཀྱི་གདིང་ལས་རང་ཐ་དམ་ཚིག་དང་ལས་རྒྱུ་འབྲས་ རྩིས་ཤེས་ཏེ་ འབད་དགོཔ་འདི་གནམ་མེད་ས་མེད་ཁག་ཆེ་ཟེར་ཞུ་ནི་ཨིན།
བྲིས་མི་ཡེ་ཤེས་རྒྱ་མཚོ།
སློབ་རིམ་དྲུག་པ།

No comments:

Post a Comment